sd0007༄༅། །མཁྱེན་སྤྱན་རབ་ཡངས་ལྷག་བསམ་གྱིས་ཕྱུག་པའི་སྐྱེས་བུ་དག་གི་སྙན་ལམ་དུ།

ཆེད་གསོལ།

དགོངས་མངའ་ལྟར་འདི་ག་<སེར་བྱེས་རིག་མཛོད་ཆེན་མོའི་>དྲ་ཚིགས་འདི་ཉིད་དོན་གཉེར་ཅན་དག་གི་དགོས་མཁོ་བསྐང་སླད་ལེ་ཚན་སྣ་མང་ཞིག་བཀོད་སྒྲིག་བྱས་ཡོད་པ་ལས། མ་འོངས་པར་གློག་བརྙན་གང་མང་ཞིག་སྒྲིག་བཟོ་དང་དྲ་ངོས་སུ་སྒྲིག་བཀོད་ཀྱི་འཆར་གཞི་ཡོད་པ་དང་།

བརྙན་རིས་ཀྱིས་དྲ་ཚིགས་ཀྱི་ས་ཁོངས་མི་ཟ་བའི་ཆེད་དུ་བརྙན་རྣམས་ཡོ་ཌོད་བྷེ་[youtube]ནང་དུ་བླུགས་ཏེ་སྦྲེལ་སྣེ་མཐུད་ཡོད་ལ། འདིར་རྣམ་པ་ཚོར་གཞེན་སྐུལ་ཞུ་རྒྱུ་ཞིག་ནི། ཡོ་ཌོད་བྷེའི་[youtube]ཁ་བྱང་དེར་རང་མོས་ཀྱི་ཁ་བྱང་ནང་འཇུག་བྱེད་པ་ལ་ཡོ་ཌོད་[youtube]དྲ་བདག་གི་ཆ་རྐྱེན་ཁ་ཤས་ཡོད་པའི་ཁྲོད། གཟིགས་མོ་བ་གང་མང་ཞིག་གིས་མོས་མཐུན་(subscrid)གནང་དགོས་པས་ན། ཡོ་ཌོད་ལ་གཟིགས་སྐབས་ཁ་དོག་དམར་པོ་ཅན་གི་ཡི་གེ་(subscrid)དེར་མཛུབ་གནོན་གནང་སྟེ་མོས་མཐུན་ཡོད་པའི་རྒྱབ་སྐོར་གནང་རོགས།
སེར་བྱེས་རིག་མཛོད་ཆེན་མོའི་ཡོ་ཌོད་ཀྱི་ཁ་བྱང་གཤམ་དུ་གསལ་བས་དེ་ནས་ནང་འཛུལ་བྱས་ཏེ་རྒྱབ་སྐྱོར་གནང་རྒྱུ་མཁྱེན་མཁྱེན། 

སྦྲེལ་སྣེའི་ཁ་བྱང་།

https://www.youtube.com/watch?v=Zaz7aWnDflA&list=PLn55tsUhdNNiWO8pcwpDDxPc6818vZM-_

ཞེས་༢༠༡༧ཕྱི་ཟླ་༣ཚེས་༦ཉིན་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་ཕུལ།

གསལ་བསྒྲགས།

ཆེད་གཉེར་གཞེན་སྐུལ།

སྡེ་ཚན། : གསལ་བསྒྲགས། | ཀློག་གྲངས། 2644